← 返回曲库声屿音乐
心中的布达拉 封面
流行 · 2023 · 国语

心中的布达拉

德吉老爷

FLACMP3无损
试听歌曲
LYRICS

歌词

心中的布达拉 - 德吉老爷
词:sickyblueeeeee/德吉老爷
曲:德吉老爷
编曲:旦旦
制作人:旦旦
录音:千朵音乐
混音:千朵音乐
母带:千朵音乐
监制:D&M
统筹:卢洋/段多多Motim
发行策划:阿斯根
出品:千朵音乐/D&M
【未经著作权人许可 不得翻唱 翻录或使用】
ལྷ་ས་བསམ་ནས་མ་ཡོང་།
ཕོ་བྲང་བསམ་ནས་ཡོང་ཡོད།
ཕོ་བྲང་པོ་ཏ་ལ་ཡི།
གནས་མཇལ་བསམ་ནས་ཡོང་ཡོད།
ཉི་མ་ཤར་བའི་དང་པོ།
ཕོ་བྲང་རྩེ་ལ་ཤར་སོང་།
ཉི་མའི་འོད་ཟེར་འཕྲོ་དུས།
འཛམ་གླིང་འོད་ཀྱིས་ཁེངས་སོང་།
ཉི་མའི་འོད་ཟེར་འཕྲོ་དུས།
འཛམ་གླིང་འོད་ཀྱིས་ཁེངས་སོང་།
ཚེ་འདི་ལ
མི་ཤེས་པའི་ས་ཆ་དང་མི་ཤེས་པའི་མི་ཚོགས་མང་པོ་དང་བརྒྱུད་དགོས།
ལམ་འདི་ལ་
མ་ཤེས་པའི་ཡུལ་ལྗོངས་དང་མི་ཤེས་པའི་དོན་དག་གང་མང་དང་འཕྲད་དགོས།
ཉི་ཟེར་མཁའ་ལ་འཕྲོས་
རླུང་རྟ་དགུང་ལ་འཕུར་
བསང་མཆོད་ཀྱི་དྲི་ཞིམ་ུཡུལ་ལ་ཁྱབ་དུས
ང་རང་ལམ་ལ་ཆས་འགྲོ
ངས་ཕ་མ་སྤུན་གྲོགས་ཀྱི་སྨོན་འདུན་དང་འགྲོགས་ནས།
ངས་མཐོ་སར་འཕུར་བའི་བྱ་རྒོད་དང་འགྲོགས་ནས།
ངས་བྱང་ཐང་སྟེང་གི་ནོར་ཚོགས་དང་འགྲོགས་ནས།
ལམ་ལ་ཆས་འགྲོ
གནམ་དང་ས་ཡི་བར་ནས།
གྲང་ལྷགས་ཀྱི་རྣོ་ངར་རུས་སུ་ཟུག་ཀྱང་།
བྱེ་ཐལ་གྱི་རླུང་བུས་མིག་ཟུང་སྒྲིབ་ཀྱང་།
ལུས་ཚད་རེ་རེ་བཞིན།
སྨོན་ལམ་རེ་རེ་བཞིན།
ལམ་ལ་ཆས་འགྲོ
དག་སྣང་དང་དད་སེམས་ཀྱི་སྐུལ་འདེད་འོག་ནས།
ཐོག་མའི་དམིགས་ཡུལ་དང་མཐའ་མའི་བདེན་དོན་གྱི་ཆེད་དུ།
ལམ་ལ་ཆས་འགྲོ
ཕོ་བྲང་སྟེང་གི་རྟེན་གཙོ།
འཕགས་མཆོག་ཐུགས་རྗེ་ཆེན་པོ།
འཁོར་བའི་གནས་ལས་འགྲོལ་བའི།
འཕྲིན་ལས་གདམས་ངག་གནང་བྱུང་།
འཛམ་གླིང་གཡས་བཞག་གཡོན་བཞག།
གསེར་གདུང་འཛམ་གླིང་རྒྱན་གཅིག།
གསེར་གདུང་མཇལ་བ་ཙམ་གྱིས།
ངའི་སེམས་བདེ་ལ་འཁོད་སོང་།
གསེར་གདུང་མཇལ་བ་ཙམ་གྱིས།
ངའི་སེམས་བདེ་ལ་འཁོད་སོང་།
མི་ཚེའི་དོན་སྙིང་ཅི་ཡིན་སུ་ཡིས་ཤེས།
མདུན་ལམ་འཇོག་མཚམས་གང་ཡིན་སུ་ཡིས་ཤེས
དེ་ཚོ་ཚང་མ་རྨི་ལམ་དང་ཁྱད་མེད།
ཁྲ་ཁྲའི་ཡུལ་ལྗོངས་ངའི་ཡིད་དབང་འཕྲོག་མེད།
ངའི་རེ་བ་ནི་
བདེན་དོན་དེ་རྙེད་ན་བསམ་བྱུང།
ངའི་རེ་བ་ཡིན་ནི་
ཚེ་རྗེས་མར་ད་དུང་ཡིད་ལ་འཛིན་ཐུབ་པའི་རི་མོ་དེ་མཐོང་ན་བསམ་བྱུང།
ངའི་ཚོར་བ་ཡོད་ཚད་བྲང་ཁར་སྤུངས་ཡོད་པས་ཅི་འདྲ་ཞིག་མཚོན་དགོས་པ་མ་ཤེས་སོང་།
ཡིན་ནའང
ངས་ད་དུང་
ཚང་ཁ་ཤིག་ཤིག་གི་མི་ཚོགས་ཁྲོད་ནས་
འུར་འུར་ཟིང་ཟིང་གི་འཇིག་རྟེན་འདི་ནས
རང་ཉིད་འཚོལ་བཞིན་ཡོད།
ལུས་འདི་ཁྱེར
ངག་འདི་ཁྱེར་
ཡིད་འདི་ཡང་ཁྱེར་ནས་གནས་འདི་ལ་སླེབས།
ལུས་འདི་སྟེར་
ངག་འདི་སྟེར་
ཡིད་འདི་ཡང་སྟེར་ནས་གནས་འདི་ལ་སླེབས།
ལུས་འདི་ཁྱེར
ངག་འདི་ཁྱེར་
ཡིད་འདི་ཡང་སྟེར་ནས་གནས་འདི་ལ་སླེབས།
ལུས་ངག་ཡིད་གསུམ་དེ་ཁྱེར་ནས་གནས་འདི་ལ་སླེབས།
ལྷ་ས་བསམ་ནས་མ་ཡོང་།
ཕོ་བྲང་བསམ་ནས་ཡོང་ཡོད།
ཕོ་བྲང་པོ་ཏ་ལ་ཡི།
གནས་མཇལ་བསམ་ནས་ཡོང་ཡོད།
ཉི་མ་ཤར་བའི་དང་པོ།
ཕོ་བྲང་རྩེ་ལ་ཤར་སོང་།
ཉི་མའི་འོད་ཟེར་འཕྲོ་དུས།
འཛམ་གླིང་འོད་ཀྱིས་ཁེངས་སོང་།
ཉི་མའི་འོད་ཟེར་འཕྲོ་དུས།
འཛམ་གླིང་འོད་ཀྱིས་ཁེངས་སོང་།
RESOURCES

资源入口

夸克无损夸克FLAC
打开 ↗
夸克 MP3夸克MP3
打开 ↗
迅雷备用备用入口
打开 ↗